དགྲ་ལྷ་ཝེར་མ་བཅུ་གསུམ།

作者:格萨尔数字平台微信号:QGJR-news发表时间 :2019-04-16


དགྲ་ལྷ་ཝེར་མ་བཅུ་གསུམ་གྱིས་བསྐོར་བའི་གླིང་སེང་ཆེན་ནོར་བུ་དགྲ་འདུལ།
A portrait of Ling Gesar surrounded by the13 warrior deities
གླིང་གེ་སར་རྒྱལ་པོའི་བསོད་ནམས་སྙན་གྲགས་མཚོན་བྱེད་ཀྱི་དགྲ་ལྷ་ཝེར་མ་བཅུ་གསུམ་ཞེས་གྲགས་པ་ནི། སྲོག་ཆགས་སེམས་ཅན་གྱི་གཟུགས་འཛིན་པ་འབའ་ཞིག་ཡིན་པ་དང་།ཝེར་མ་བཅུ་གསུམ་ཞེས་པའི་བྱུང་རིམ་ལོ་རྒྱུས་མི་འདྲ་བ་ཅུང་ཙམ་རེ་མཆིས་ཀྱང་འདིར་ཞིབ་པར་མ་སྤྲོས་ཤིང་།གཙོ་བོ་གླིང་གེ་སར་རྒྱལ་པོའི་དགྲ་ལྷ་ཝེར་མ་བཅུ་གསུམ་རེ་རེ་བཞིན་མཚོན་དོན་དང་བཅས་ངོ་སྤྲོད་ཞུ་རྒྱུར།
དགྲ་བླ་ཝེར་མ་༡༣བརྩི་ཚུལ་གཞན་ཡང་ཡོད་དེ།
༡ས་སྨད་ཆུ་ཀློང་ཕྱུག་མོའི་གཞུང་འགྲམ་ན། །གསེར་མིག་ཉ་མོ་གཤོག་འགྱུར་ཤུ་རུ་རུ། །སྐྱེན་པོའི་མདའ་ཁ་འགྲན་པའི་ཉི་མ་ལ། །འགྱུར་རྩལ་ལུས་ལ་རྒྱས་པའི་དགྲ་ལྷ་ཡིན། །
༢དམའ་བ་ས་གཞི་དྲོད་ཀྱི་བཞུད་ལམ་ན། །དུག་སྦྲུལ་ནག་པོའི་ནུར་འགྲོས་འུ་རུ་རུ། །མཆེ་བ་ངོམ་ཞིང་རང་སྡེ་དཀར་པོ་སྲུང་། །མི་འཇིགས་རྔམ་བརྗིད་སྟོན་པའི་དགྲ་ལྷ་ཡིན། །
༣སྤང་དཀར་ན་ཐང་གོང་མའི་ཁོང་གསེང་ན། །རི་བོང་དཀར་ཆུང་ལྡིང་སྐོར་ཙོགས་སེ་ཙོག །བློ་ལྡན་རི་བོང་གཡུ་ཡི་རྣ་ཆ་ལྡེམ། །རང་སྡེ་གབ་ན་ཁེབས་པའི་དགྲ་ལྷ་ཡིན། །
༤མཚན་གསུམ་མུན་པ་སྨག་རིམ་ཁུགས་སོ་ནས། །འུག་པ་གསེར་མིག་སྤུ་གྲི་དཀྲོགས་སེ་དཀྲོག །མཚན་གསུམ་རྫི་བོ་ལས་ལ་གཤོག་རྩལ་མྱུར། །དཔའ་བོའི་རང་མགོ་ཐོན་པའི་དགྲ་ལྷ་ཡིན། །
༥རོང་གི་ཐང་ཤིང་འབོ་ལོའི་དཀྱིལ་འགྲམ་ན། །དོམ་ནག་ཁྲག་གི་གདོང་མིག་འཁྲིགས་སེ་འཁྲིག །ནག་པོ་དོམ་བུ་སྡིག་པའི་སྙིང་དཀར་ཅན། །དཔའ་རྩལ་མཁའ་རུ་ངོམ་པའི་དགྲ་ལྷ་ཡིན། །
༦བར་མ་སྐྱི་སེར་རླུང་གི་འགྲིམ་ལམ་ན། །བྱ་གླག་རྒོད་པོའི་འཕུར་སྐྱོད་ལྷབས་སེ་ལྷབ། །སྟོབས་ཆེན་ལྕགས་ཀྱི་གླག་མོའི་ངར་ཁ་བཙན། །མ་ཐུབ་འཐབ་ན་ཐུབ་པའི་དགྲ་ལྷ་ཡིན། །
༧དྭངས་གསལ་གཡུ་ཡི་མཚོ་མོའི་འགྲམ་ངོགས་ན། །ཁྲུང་ཁྲུང་དཀར་མོ་སྙན་དབྱངས་ཀྱུ་རུ་རུ། །གཤོག་རྩལ་མྱུར་མགྱོགས་རླུང་གི་ཕོ་ཉར་འགྲན། །ཁ་ལས་སྙན་དབྱངས་སྒྲོག་པའི་དགྲ་ལྷ་ཡིན། །
༨མཐོན་པོ་བྲག་དཀར་བཙན་གྱི་བང་རིམ་ན། །ཕོ་རོག་ནག་ཆུང་གཤོག་ལྡིང་ཡ་ལ་ལ། །སྡང་དགྲ་ནག་པོའི་བླ་སྲོག་ལེན་པའི་ཉིན། །ལེགས་ཉེས་སྔ་ལྟས་སྟོན་པའི་དགྲ་ལྷ་ཡིན། །
༩ཉིན་སྲིབ་སྲིབ་ཀྱི་ས་མཚམས་གོང་མ་ན། །གླ་བ་སྨུག་མཛེས་ལྡིང་སྐོར་ལམ་སེ་ལམ། །ལྡིང་མཁས་བྲོས་མཁས་གླ་བ་གཞའ་ལ་མཁས། །བྲོས་ན་ཐར་བ་རྙེད་པའི་དགྲ་ལྷ་ཡིན། །
༡༠རི་བྲག་རྫ་ལམ་གཉིས་ཀྱི་བར་འཕྲང་ན། །རྐྱང་ཆུང་ཁ་དཀར་འགྲོས་སྐོར་ཀྱི་ལི་ལི། །རྩལ་ལྡན་རྐྱང་ཆུང་དར་མའི་རྒྱུག་རྩལ་མྱུར། །དཔའ་བོའི་རྩལ་དྲུག་རྒྱས་པའི་དགྲ་ལྷ་ཡིན། །
༡༡བརྗིད་ཆེན་གངས་དཀར་ལྷུན་པོའི་བང་རིམ་ན། །གངས་སེང་དཀར་མོའི་གཡུ་རལ་ཉི་ལི་ལི། །སྡེར་ཆགས་ཟིལ་གྱིས་གནོན་པའི་རྔམ་བརྗིད་ལྡན། །དབུ་འཕང་དགུང་ལས་མཐོ་བའི་དགྲ་ལྷ་ཡིན། །
༡༢ལྷོ་ཕྱོགས་ཙན་དན་ནགས་ཀློང་ཕྱུག་མོ་རུ། །དགྲ་སྙིང་གཞོམ་ལ་མཆེ་བ་རྔམས་སེ་རྔམ། །རྒྱ་སྟག་དམར་པོ་མཚལ་གྱི་རི་བཀྲ་ཅན། །མི་འཇིགས་དཔའ་སྙིང་ཆེ་བའི་དགྲ་ལྷ་ཡིན། །
༡༣ཙག་སེར་བུ་ཡུག་རླུང་གི་རྒྱུ་ལམ་ན། །རི་སྤྱང་ཁྲག་གི་ཟེ་བ་ཙ་ར་ར། །དགྲ་ལྷ་རང་འཁོར་ཅན་ལ་གཡས་ལག་སྟོན། །དཔའ་ལ་ཟ་ཁ་དར་བའི་དགྲ་ལྷ་ཡིན། །
ཞེས་སོགས་གྲངས་འདྲེན་བྱེད་སྟངས་མི་འདྲ་བ་ཡོད་པ་དང་། དགྲ་བླ་དང་དགྲ་ལྷ་ཞེས་འབྲི་སྟངས་མི་འདྲ་བ་ཡོད་ཀྱང་འདིར་དགྲ་ལྷ་ཞེས་བྲིས་ཡོད།
གནའ་དེང་ཐང་གའི་འཕྲིན་སྟེགས་ལས་བཏུས།འོས་སྦྱོར། 推荐1བོད་ཡིག་གི་སྐོར།▶ངའི་ཕ་ལོ་དང་ཁོང་གི་གེ་སར་རི་མོ།༼གཅིག༽
▶ངའི་ཕ་ལོ་དང་ཁོང་གི་གེ་སར་རི་མོ།༼གཉིས༽
གླིང་གི་དཔའ་རྟུལ་སུམ་ཅུའི་ཐང་ག་བཞེངས་སྟངས།
གེ་སར་སྒྲུང་དང་སྔོན་དཔག་རིག་པ།
▶གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་སྐོར་གླེང་བ།
འབྲུ་སྒ་སྡེའི་མཆོང་མཁར་སྨུག་པོའི་གནའ་ཤུལ།
གླིང་སྒྲུང་རྒྱ་འགྱུར་མ་ལས་འཕྲོས་པའི་ལོ་ཙཱའི་གནད་དོན་འགའ་བཤད་པ།
མདོ་ཁམས་སྙན་ངག་གི་རྣམ་ཤེས། གེ་སར་རྒྱལ་པོའི་ཞབས་རྗེས་རྩད་གཅོད།
གེ་སར་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་ཚུལ་ལ་དཔྱད་པ།
བོད་ཀྱི་པྲ་དང་པྲ་སྒྲུང་གི་རིག་གནས་རགས་ཙམ་གླེང་བ།
གེ་སར་རྟ་འཆམ་གྱི་ཆུ་མགོ་བརྡོལ་སའི་ཤ་ཤིང་བ། ༼བོད་རྒྱ་དབྱིན་གསུམ།༽
གླིང་སྒྲུང་ལས་བུད་མེད་ཀྱི་ཞིབ་འབྲི་སྐོར་གླེང་བ།
▷སྒྲུང་གླུ། འདན་སྲས་གཡུ་འོད་འབུམ་མེས་དཔའ་དགྲ་ལྷ་འབོད་པ།
▷སྒྲུང་གླུ། ཨ་སྟག་ལྷ་མོ་བདེ་ཆེན་ཞིང་ལ་འདྲེན་རོགས་ཞུ།
ཇོ་རུ་དང་འབྲུག་མོའི་གཏམ་རྒྱུད།
▷སྒྲུང་པ་ལྷ་བུ་དོན་འགྲུབ་དང་གེ་སར་སྒྲུང་རབས་ཆེན་མོ།
▷ཞིབ་འཇུག་པར་གླིང་གི་རྟ་རྒྱུག་སྐོར་ནས་བཅར་འདྲི་བྱས་པ།
ཧོར་གླིང་གཡུལ་འགྱེད་ཀྱི་མུ་འབྲེལ་རི་མོ།
▷ཞིབ་འཇུག་པ་ནོར་བུ་དབང་ལྡན་དང་སྙིང་བོ་ཚེ་རིང་ལ་བཅར་འདྲི་བྱས་པ།
▷སྒྲུང་པ་གྲགས་ཅན་ངག་རིག་གིས་བཤད་པའི་འཛམ་གླིང་སྤྱི་བསང་།
བོད་ལྗོངས་ཆབ་མདོའི་ཝ་རྭ་དགོན་གྱི་གེ་སར་ལྡེབས་རིས།
ཁམས་སྡེ་དགེ་ནས་གེ་སར་དང་འབྲུག་མོའི་བྲག་སྐུ་རང་བྱོན་རྙེད་པ།
རྒྱལ་མོ་འབྲུག་པས་གླིང་རྗེ་གེ་སར་རྒྱལ་པོའི་སྐོར་བཤད་པ།
མདོ་སྨད་ཀྱི་ལོ་རྒྱུས་ལས་གླིང་གེ་སར་གྱིས་དབང་བསྒྱུར་ཚུལ།
མཁན་པོས་སྐྱེ་བ་སྔ་ཕྱི་དང་གེ་སར་སྒྲུང་སྐོར་གླེང་བ།
གེ་སར་དད་མོས་ཁྲོད་ཀྱི་གཏོར་མཆོད་སྐོར་ལ་དཔྱད་པ། སྟོད་ཆ།
གེ་སར་དད་མོས་ཁྲོད་ཀྱི་གཏོར་མཆོད་སྐོར་ལ་དཔྱད་པ། སྨད་ཆ།
གེ་སར་ཐང་གའི་རྒྱུད་འཛིན་པ་བསྟན་ཚུལ།
▷སྡེ་དགེའི་རྫོགས་ཆེན་གྱི་གེ་སར་ཞལ་འབག་སྐོར་གླེང་བ།
སྟག་གཟིག་ནོར་འགྱེད་ལས་འཕྲོས་ཏེ་སྒྲུང་ཡིག་དཔར་སྐྲུན་སྐོར་གླེང་བ།
གེ་སར་རིག་པའི་གླེང་སྟེགས་རྨ་ཡུལ་མགོ་ལོག་ནས་བསྡུས་པ།
གླིང་སྒྲུང་ལས་འཕྲོས་པའི་མནའ་འབྲེལ་ལམ་ལུགས་སྐོར་མདོ་ཙམ་གླེང་བ།
གླིང་གི་ཡང་རྟུལ་དམ་པའི་མི་བདུན་གྱི་ཐང་ག
མཚོ་བྱང་རྐང་ཚའི་གེ་སར་སྒྲུང་པ་གསང་སྔགས་རབ་བརྟན།
སེང་ལྕམ་འབྲུག་མོས་ལྷ་བྱར་བསྐུར་བའི་འཕྲིན།
ཨ་ལ་ཐ་ལའི་རྣམ་བཤད། སྨིན་དབུས་ཨ་དཀར་པོས་བྲིས།
གླིང་རྗེ་གེ་སར་གྱིས་སྦྱིན་བདག་བྱས་པའི་འདན་དྲན་ཐང་དགོན་པ།
གླིང་དཔའ་རྟུལ་སུམ་ཅུའི་གདུང་འབུམ།
▷སེང་ལྕམ་འབྲུག་མོ། གླུ་མ་གཡང་མོ་སྒྲོལ་མས་བླངས།
ན་གཞོན་སྒྲུང་པ་སྙིང་བོ་ཚེ་རིང་ལ་བཅར་འདྲི་བྱས་པ།
སྤྱི་དཔོན་གྱིས་གླིང་སྡེ་སྤྱི་ལ་བཞག་པའི་ཁྲིམས་གླུ་དལ་བ་རིང་མོ།
▷བདུད་བློན་ག་དར་ཕྱིང་སྔོན་གྱི་སྒྲུང་གླུ།
ཁ་བའི་ཞབས་རྗེས་དང་བབས་སྒྲུང་པ་ཚེ་རིང་མཐར་ཕྱིན།
༄༅། །དཔལ་རྒྱལ་རིན་པོ་ཆེ་དང་གེ་སར་ལྷ་ཁང་།
༄༅། །གེ་སར་གྱི་སྣང་བརྙན་གར་སྟེགས་སུ་འཁྲབ་པའི་ལོ་རྒྱུས་ཀྱི་ཐོག་མ།
▷བྲོ་གར་དཔའ་བོའི་བཞད་སྒྲ། རྒྱལ་མཚན་སོགས་ཀྱིས་བླངས།
▷སྒྲུང་གླུ་༼འགག་བཟའ་ལྷ་མོ།༽
▷སྒྲ་ལྡན། འབྲུག་མོའི་དགུ་སེང་དྲུག་འགྱུར།
▷བརྙན་ཟློས། གེ་སར་ཟློས་གར་༼རྟ་རྒྱུག་རྒྱལ་འཇོག༽
▷བརྙན་ཟློས། གེ་སར་རིག་གནས་བགྲོ་གླེང་།
▷འོས་སྦྱོར། འཛམ་གླིང་གེ་སར་རྒྱལ་པོ། གཙང་གསུམ་སྤུན་ཆེད་ཚན་སྡེབ།
▷འོས་སྦྱོར། གླིང་དཀར་གཉེན་བཤད
2རྒྱ་ཡིག་གི་སྐོར།
唐卡与《格萨尔》仲唐
蒙古族著名史诗演唱艺人胡雅克图
百年“格萨尔学”的发展历程
格萨尔遗迹遍布的圣地
安多著名《格萨尔》艺人尕藏智华生平调查及其说唱特点
邓本太丨让“东方的荷马史诗”在青藏高原绽放异彩
推荐丨“格学”泰斗降边嘉措发来贺信
青海少数民族祝赞词程式的审美初探——以《格萨尔》史诗等为例
根旺丨“丹玛”史地杂考
韩晓红丨行走与热爱:我的格萨尔情缘
史诗的田野——白马人《阿尼•格萨》田野调查报告
首届达那格萨尔文化研讨会
玉树地区格萨尔文化遗址综述
“我们与他们”:——热贡“蔡孜德裕”之格萨尔文化与族群边界探析
2017年中国多民族《格萨尔》研讨会在兰州召开
降边嘉措丨西藏边坝地区格萨尔艺人
访谈丨西藏社科院民族研究所所长次仁平措
麓客思享会丨为守护而生——艺人阿尼
第二届青海省《格萨尔》研究成果奖评奖活动的通知
推荐丨色达格萨尔藏戏《赛马登位》在康上演
格萨尔绘画艺术家仁青尖措与格萨尔三十员大将
杨恩洪:民间诗神——格萨尔艺人研究(增订本)
果洛州《格萨尔》博物馆(民办)设立《格萨尔》史诗传承基地
格萨尔王后珠姆故里唱响“源”文化
“格萨尔文化传承保护基地”在贵德设立
推荐丨གེ་སར་མར་སྐུ། 格萨尔酥油雕塑
英雄格萨尔王在理塘
史诗部本《贵德分章本》的“出现”与“消失”
莫斯卡《格萨尔王传》岭国人物谱系的基本特点
曼秀·仁青道吉丨《格萨尔》十八大宗概况梳理
格萨尔音乐丨《格萨尔王》最新MV出炉
视频丨མགོ་ལོག་དུར་བུད་ཀྱི་སྒྲུང་པ་ཆུང་ཆུང་། “德尔文”的小艺人
藏北《格萨尔》艺人独家说唱获抢救性保护
石渠格萨尔文化探索之旅
意娜丨论口头诗学对传统文学理论的超越
石头里的《格萨尔》(上) ——说唱艺人俄珍卓玛传奇
石头里的《格萨尔》(下) ——说唱艺人俄珍卓玛传奇
世上唯一活着的史诗,为何还活着
丹珠昂奔丨《格萨尔王传》与藏族文化圈
从边缘活力到泛佛教化思潮的格萨尔文化

关注格萨尔数字平台微信公众号,获取更多图文精彩内容